མདུན་ཤོག །

¡@ ¡@

མཛད་རིམ་དང་གསར་འགྱུར།

¡@ ¡@

¡@

བསིལ་བ་ཚལ་དུ་མགོན་པོའི་ཚོགས་འབུམ།

  ཀརྨ་པ་དགུ་བརྒྱའི་དུས་དྲན་དབུ་འབྱེད་མཛད་སྒོ་ཉིན་གཉིས་པ་དེ་རྒྱ་གར་རྡོ་རྗེ་གདན་དང་མི་རིང་བའི་སར་རྒྱ་གར་གྲུབ་ཆེན་ཤྭ་ཝ་རི་པར་

  ཡེ་ཤེས་ཀྱི་མགོན་པོས་ཞལ་དངོས་སུ་གཟིགས་པའི་གནས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཞེས་ཡོངས་སུ་གྲགས་པའི་གནས་དེར་ཕྱི་ལོ་ 2010

  ཟླ་ 12 ཚེས་ 9 ཉིན་གྱི་ཞོགས་པ་ཆུ་ཚོད་ 11:00am ཙམ་ལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། ཁྲ་འགུ་རིན་པོ་ཆེ། བསྟན་དགའ་རིན་

  པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ། བག་ཡོད་རིན་པོ་ཆེ། མཁན་པོ་བློ་གྲོས་དོན་ཡོད་སོགས་བླ་སྤྲུལ་དགེ་འདུན་རྣམ་པ་བརྒྱ་ཕྲག་གསུམ་ལྷག་

  གདན་འཛོམས་པའི་ཚོགས་མགོན་དུ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དངོས་སུ་ཞབས་སོར་བཀོད་དེ་

  དཔལ་ལྡན་མགོན་པའི་ཚོགས་མཆོད་དང་བསྐང་གསོ་བཅས་ལྷན་ཚོགས་གནང་ཡོད་པ་རེད།

¡@